༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ནས་ཟླ་༡༢ ཚེས་༢༥ ཉིན་ཨ་རི་རྒྱང་སྲིང་ཁང་གི་བོད་སྐད་སྡེ་ཚན་གྱི་ཀུན་གླེང་ལས་རིམ་ནང་བཞུགས་གནང་ནས་བོད་རྒྱ་འབྲེལ་བའི་སྐོར་བཀའ་མོལ་གནང་བ་རེད་། རྒྱང་སྲིང་དེའི་ངོ་བཤུས་དེ་གཤམ་དུ་གཟིགས་རོགས།
༄༅༎ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༧ ནས་༢༩ བར་བོད་གཞུང་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དེ་རྡ་ཤོད་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་འཚོགས་ཡོད་པ་དང་། ཚོགས་མགོན་དུ་༸གོང་ས་མཆོག་ཕེབས་ནས་བཀའ་སློབ་གནང་བ་དང་། དེ་བཞིན་འབྲེལ་ཡོད་གྲོས་ཚོགས་ཚོགས་གཙོ་དང་། བཀའ་བློན་ཁྲི་པ། ཤེས་རིག་བཀའ་བློན། ཤེས་རིག་དྲུང་ཆེ་སོགས་ནས་ཀྱང་གཏམ་བཤད་གནང་འདུག ཚོགས་འདུ་དེའི་བརྙན་པར་གྱི་ཆ་ཤས་ཞིག་གཤམ་དུ་གཟིགས་རོགས་གནང་།
༧གོང་ས་མཆོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྩོད་མཁན་ལེའུ་ཞའོ་པོ་ལ་ཁྲིམས་ཆད་བཏང་བ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་རེད་གསུངས་འདུག
གཤམ་དུ་༧གོང་ས་མཆོག་ནས་༢༠༠༩ ཟླ་༡༢ ཚེས་༢༨ ཉིན་བོད་གཞུང་དྲ་་ཚིགས་བརྒྱུད་ཡོངས་བསྒྲགས་གནང་བའི་གསུང་འཕྲིན་ཡིན།

ལེའུ་ཞའོ་པོ་ལྟ་བུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ཏེ་རིང་ཉིད་ཀྱི་བསམ་ཚུལ་ཡོངས་བསྒྲགས་བརྗོད་མཁན་དག་ལ། གཞུང་གྱིས་དབང་ཡོད་ཀྱིས་ཁྲིམས་ཆད་བཏང་བ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཀྱི་གཞི་རྩའི་ལངས་ཕྱོགས་དང་ཡོངས་སུ་འགལ་བ་མ་ཟད་། རྒྱ་ནག་གྱི་རྩ་ཁྲིམས་སུ་གསལ་བའི་སྨྲ་བརྗོད་རང་དབང་གི་དགོངས་དོན་དང་ཡང་འགལ་ཡོད་།
ངོས་ནས་རྒྱ་ནག་གཞུང་གི་སྐུ་ཞབས་ལེའུ་ཞའོ་པོ་དང་། ཁོང་དང་འདྲ་བར་སྨྲ་བརྗོད་ཀྱི་དབང་གིས་བཙོན་འོག་ཏུ་ཚུད་པའི་སྲིད་དོན་གྱི་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་བའི་འབོད་སྐུལ་དང་རེ་བ་བྱེད་བཞིན་ཡོད་།
སྐུ་ཞབས་ལེའུ་ཞའོ་པོ་དང་ཁོང་གི་བཟའ་ཟླ་ནང་མི་བཅས་ལ་འཚམས་འདྲི་དང་སྨོན་ལམ་བཅས།
ཏཱ་་ལའི་བླ་མས། ༢༠༠༩ ལོའི་ཟླ་༡༢ ཚེས་༢༨ ལ།