རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

བོད་མིས་བཞུཌ་སྒར་གནས་ཡུལ་ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུ་བ།

༧གོང་ས་མཆོག་ནས་ཧི་མ་ཅལ་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་དུ་མལ་ལ་ཕྱག་རྟགས་ཞིག་གནང་བཞིན་པ། གཡོན་ནི་བཀའ་བློན་ཁྲི་པ། www.tibet.net

༧གོང་ས་མཆོག་ནས་ཧི་མ་ཅལ་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་དུ་མལ་ལ་ཕྱག་རྟགས་ཞིག་གནང་བཞིན་པ། གཡོན་ནི་བཀའ་བློན་ཁྲི་པ། www.tibet.net

༢༠༡༠ཟླ་༤ ཚེས་༣༠ ཉིན་བཞུགས་སྒར་རྡ་རམ་ས་ལར་དམིགས་བསལ་མཛད་སྒོ་ཞིག་བརྒྱུད་བོད་མི་ཚོས་ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུ་གནང་འདུག

༧གོང་ས་མཆོག་དབུ་བཞུཌ་མཛད་སྒོར་ཧི་མ་ཅལ་སྤྱི་ཁྱབ་བློན་ཆེན་པེ་རེམ་ ཀུ་མར་དུ་མལ་དང་བཟོ་ལས་བློན་ཆེན་ཀི་ཤན་ཀུ་མར་གཙོས་པའི་མངའ་སྡེ་དང་རྫོང་གི་ལས་བྱེད་དང་། ༧རྒྱླལ་དབང་ཀརྨ་པ་དང་བོད་གཞུང་གི་མཛད་གཙོ་ཁག་དང་མི་མང་རྣམས་ཕེབས་འདུག
༧གོང་ས་མཆོག་ནས་རྒྱ་གར་དབུས་དང་ས་གནས་གཞུང་ཁག་ནས་བོད་མིར་བཀའ་དྲིན་ཆེན་པོ་གནང་བཞིན་པའི་སྐོར་བཀའ་གནང་། བཀའ་བློན་ཁྲི་པ་མཆོག་ནས་བོད་མིའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་རྒྱ་གར་སྤྱི་ཚོཌ་ནང་རོགས་སྐྱོར་ལས་འགུལ་ཁག་གཅིག་སྤེལ་འཆར་ཡོད་པའི་སྐོར་གསུངས།

ཇོ་ནང་པའི་ཆོས་རྒྱུད་ནས་ྋགོང་ས་མཆོག་ལ་བརྟན་བཞུཌ་འབུལ་བ།

ྋགོང་ས་མཆོག་དབུ་བཞུགས་ཀྱིས་སྐྱེ་རྒུ་མདོ་འི་འགུལ་རྐྱེན་འདས་གསོན་རྣམས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་བཞིན་སྐབས། www.gyalwarinpoche.com

ྋགོང་ས་མཆོག་དབུ་བཞུགས་ཀྱིས་སྐྱེ་རྒུ་མདོ་འི་འགུལ་རྐྱེན་འདས་གསོན་རྣམས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་བཞིན་སྐབས། www.gyalwarinpoche.com


༢༠༡༠ ཟླ་༤ ཚེས་༢༧ ཉིན་བོད་གཞི་བྱེས་གཉིས་སུ་གནས་པའི་དཔལ་ྋརྒྱལ་བ་ཇོ་ནང་པའི་ཆོས་རྒྱུད་འཛིན་པ་རྣམས་དང༌། དྷ་ས་ས་གནས་གྲོས་ཚོགས་དང༌། ས་གནས་འགོ་འཛིན་ལས་ཁུངས། རང་བདེན་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སེར་སྐྱ་མི་མང་ཡོངས་ ནས་ཇོ་ནང་མཁན་རིན་པོ་ཆེ་དབུ་བཞུགས་ ཀྱིས་བཞུགས་སྒར་རྡ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བླ་མ་མཆོད་ པའི་ཆོ་ག་དགེ་ལེགས་རབ་རྒྱས་ཀྱི་སྟེང་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ་རེད་།
དེ་ཉིན་རྒྱབ་སྤྱི་ནོར་ྋགོང་ས་མཆོག་དབུ་བཞུགས་ཀྱིས་ཐེག་ཆེན་ ཆོས་གླིང་གཙུག་ལག་ཁང་དུ་སྐྱེ་རྒུ་མདོ་ས་ཁུལ་དུ་ས་འགུལ་གྱི་གོད་ ཆགས་ཚབས་ཆེ་བྱུང་བའི་སྐབས་འདས་གསོན་རྣམས་ཀྱི་ཆེད་གཞུང་འབྲེལ་མཆོད་ འབུལ་སྨོན་ལམ་རྒྱ་ཆེ་ཞིག་གནང་བ་རེད། གོང་གསལ་བརྟེན་བཞུགས་དང་མཆོད་འབུལ་ལ་དཔལ་ྋརྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང༌། ཀཿཐོག་དགེ་རྩེ་རིན་པོ་ཆེ། སྟོང་འཁོར་རིན་པོ་ཆེ། དིལ་མགོ་མཁྱེན་རྩེ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། ལྟག་ལུང་ཞབས་དྲུང་རིན་པོ་ཆེ་སོགས་བླ་སྤྲུལ་མང་པོ་ཕེབས་ཡོད་པ་རེད།། ༎

གནས་ཚུལ་འབྱུང་ཁུངས། www.gyalwarinpoche.com

རྒྱ་གར་དུ་གདན་ས་བཀྲིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་བ།

ད་རེས་༢༠༡༠ཟླ་༤ཚེས་༢༥ཉིན་ནི་ཀུན་གཟིཌ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་པས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་བཀྲིས་ལྷུན་པོར་མཛད་སྒོ་ཞིག་ཐོག་སྲུང་བརྩི་ཞུས་འདུག ཉིན་དེ་དང་འབྲེལ་པའི་ཡོངས་བསྒྲགས་གསལ་བསྒྲགས་ཞིག་ནང་བཀྲིས་ལྷུན་པོ་ནས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེའི་སྐུའི་གནས་སྟངས་ཐོག་གསལ་བཤད་དགོས་ཡོད་པ་དང་། ཁོང་རང་ཉིད་ཀྱི་གདན་ས་བཀྲིས་ལྷུན་པོར་ཕེབས་དགོས་ཀྱི་ཡོད་པ་གསུངས་འདུག

རྒྱ་གར་དུ་གདན་ས་བཀྲིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་ཁོང་གི་སྐུ་པར་གདན་དྲངས་པའི་སྐབས་། www.tashilhunpo.org

རྒྱ་གར་དུ་གདན་ས་བཀྲིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་ཁོང་གི་སྐུ་པར་གདན་དྲངས་པའི་སྐབས་། www.tashilhunpo.org

གདན་ས་བཀྲིས་ལྷན་པོར་ཀུན་གཟིཌ་རིན་པོ་ཆེའི་འཁྲུངས་སྐར་ཉིན་དགེ་འདུན་པ་དང་མང་ཚོཌ་ནས་བསངས་གསོལ་གནང་བཞིན་པ། www.tashilhunpo.org

གདན་ས་བཀྲིས་ལྷན་པོར་ཀུན་གཟིཌ་རིན་པོ་ཆེའི་འཁྲུངས་སྐར་ཉིན་དགེ་འདུན་པ་དང་མང་ཚོཌ་ནས་བསངས་གསོལ་གནང་བཞིན་པ། www.tashilhunpo.org

« Previous Entries

Powered by Wordpress | Designed by Elegant Themes