Posted by bhuchungt in
གསར་འགྱུར་།,
ལས་འགུལ། on 07 19th, 2010 |
no responses

ལྕམ་མེ་རི་བྷེཊ་མར་ཁེ་བཞུཌ་སྒར་དུ་ཕེབས་སྐབས་བུ་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཞིག་མཉམ་གྱི་འདྲ་དཔར་།
༄༅། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ནས་ ༢༠༡༠ ཟླ་ ༧ ཚེས་ ༡༢ ཉིན་གྱི་གསལ་བསྒྲགས་ཞིག་ནང་ལྕམ་མེ་རི་བྷེཊ་མར་ཁེེ་ལགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ ཚོགས་གཙོ་གསར་པར་བསྐོ་གཞག་གནང་ཡོད་པ་གསུངས་ཡོད་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆཌ་གྷེ་ཨེར་ལགས་ཀྱིས་། “ལྕམ་མེ་རི་བྷེཊ་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གསར་པར་བསྐོ་གཞག་གི་གསལ་བསྒྲགས་བྱེད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ངས་ཁོ་མོ་དང་མཉམ་འདས་པའི་ལོ་ངོ་ ༢༠ ལྷག་བོད་དོན་དང་འབྲེལ་བའི་ལས་ཀ་བྱེད་མྱོང་ཡོད། དེའི་རིང་ཉམས་མྱོང་བྱུང་བར་གཞིགས་ན་ཁོ་མོ་ནི་འཇོན་ཐང་ཅན་གྱི་འགོ་ཁྲིད་གཅིག་ཡིན་པ་མ་ཟད། བོད་དོན་ཐོག་རྒྱུས་མངའ་ཡོད་མཁན་དང་། ཡིད་ཆེས་བློས་འགེལ་ཆོག་པ་ཞིག་ཀྱང་ཡིན་”གསུངས་ཡོད། ལྕམ་མེ་རི་བྷེཊ་མར་ཁེ་ལགས་ནི་ཚོགས་གཙོ་སྐབས་བཞི་པ་ཆགས་ཀྱི་ཡོད། ཚོགས་གཙོ་སྐབས་དང་པོ་ནི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། སྐབས་གཉིས་པ་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག སྐབས་གསུམ་པ་སྐུ་ཞབས་ཇོན་ཨེ་ཀར་ལེ་ ལགས་རེད་།