ICT logo

The International Campaign for Tibet (ICT) works to promote human rights and democratic freedoms for the people of Tibet. Founded in 1988, ICT is a tax-exempt, non-profit organization with offices in Washington, Amsterdam, Berlin and Brussels and field offices in Dharamsala and Kathmandu.
༧གོང་ས་མཆོག་གི་མཛད་འཆར་།

༢༠༡༣ ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱེས་རབས་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན། འདི་ལོ་སྨོན་ལམ་རྗེས་འབྲེལ་གྱི་དཔྱིད་ཆོས་གསུང་ཆོས་མེད་པ་བཅས་དེ་དོན་དགོངས་འཇགས་ཞུ།

ཕྱི་ཟླ་༤ ཚེས་༡༣།༡༤ སུད་སི་ཧྥི་རི་བྷག་ལ་ཉིན་གཅིག་དང་ཕྱེད་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་རྗེ་བཙུན་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

ཕྱི་ཟླ་༤ ཚེས་༡༣ སུད་སི་ཧྥི་རི་བྷག་ལ་ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་ཚུལ་ཁྲིམས་སྐོར་གྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

ཕྱི་ཟླ་༤ ཚེས་༢༦ ཉིན་རྒྱབ་ཧི་མ་ཅལ་མངའ་ཁོངས་ཌ་ལཱ་ཧོལ་སི་གཏན་སློབ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་མཛད་སྒོའི་དབུ་བཞུགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་ཆེ་རྒྱུ་དང། ཚེས་༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭའི་མདུན་ཐང་དུ་མང་ཚོགས་ལ་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ།། འབྲེལ་ཡུལ་དྲ་ཚིགས། www.cstdalhousie50yrs.com

ཕྱི་ཟླ་༥ ཚེས་༢༨ ནས་༣༡ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནང་ཆོས་དོན་གཉེར་ཅན་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་བཀྲིན་ཆེ་རྒྱུ།

ཕྱི་ཟླ་༦ ཚེས་༡༤ ནས་༡༦ བར་ཉིན་གཉིས་དང་ཕྱེད་རིང་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་དུ་དད་ལྡན་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་ཀྱི་ཆོས་འབྲེལ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༡༦ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་ནང་དད་ལྡན་མང་ཚོགས་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་གཏན་མི་ཚེའི་ནང་ཚུལ་ཁྲིམས་ཐོག་དྲན་ཤེས་ཇི་ལྟར་བསྟེན་དགོས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༡༨ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་མེལ་བྷོ་རོན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་རྗེ་དང་གཞི་རྩའི་བདེ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༡ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་ཨ་དྷི་ལ་དྷི་འདུ་འཛོམས་ལྟེ་གནས་སུ་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇིལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་པའི་བདེན་པ་བཞི་ཡི་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཉམ་སྤྱོད་འཛམ་གླིང་ནང་ཚུལ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ལོ་ཐོ་
December 2010
M T W T F S S
« Nov   Jan »
 12345
6789101112
13141516171819
20212223242526
2728293031  

Archive for December, 2010

དངོས་ཐོག་བདེན་འཚོལ། (༡)

Wednesday, December 29th, 2010


དངོས་ཐོག་བདེན་འཚོལ།  (༡)

རྩོམ་པ་པོ། ནོར་བུ་དོན་ལྡན།

༄།  ཉེ་ཆར་ ༢༠༡༠ ཟླ་ ༡༢ ཚེས་  ༡༤/༡༦/༡༧/༢༡  སོ་སོར་  “ བོད་ལྗོངས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་”  ཞེས་པའི་འོག་  “ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ ”  ཟེར་བའི་ནང་གནས་ཚུལ་སྤེལ་འདུག་པར་ཚིག་ལ་ཚིག་ལན་དང་།  གཏམ་ལ་གཏམ་ལན་ལྟ་བུ་རེ་རེ་བཞིན་མཛུབ་སྟོན་མི་དགོས་པར་གནད་ཆེ་སར་ཕྱོགས་བསྡོམས་ཀྱི་ལན་འདེབས་གསལ་བཤད་བྱ་རྒྱུར།

“ སྤྱི་ལོའི་དུས་རབས་ ༡༣ པའི་རྗེས་བོད་ལྗོངས་དེ་ཉིད་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་སུ་གྱུར་ཅིང་།  དུས་དེ་ནས་བཟུང་ཀྲུང་གོའི་ཡོན་རྒྱལ་རབས་དང་།  མིང་རྒྱལ་རབས།  ཆིངས་རྒྱལ་རབས།  མི་སེར་རྒྱལ་ཁབ་སོགས་པའི་ཀྲུང་དབྱངས་སྲིད་གཞུང་རིམ་བྱུང་གིས་བོད་ལྗོངས་ཀྱི་ས་གནས་སྲིད་འཛིན་ལས་ཁུངས་གཏན་ལ་འབེབས་པ།”  སོགས་བཀོད་ཐོན་བྱུང་འདུག་པའི་སྐོར།  སྔར་གྱི་རྒྱལ་རབས་ལོ་རྒྱུས་དང་བོད་རྒྱའི་གནས་སྟངས་ཇི་ལྟར་ཡིན་རུང་།  ྋརྒྱལ་བ་རིན་པོ་ཆེས་གཉིས་སྨན་དབུ་མའི་ཐབས་ལམ་གྱི་ཐོག་ནས་བོད་རྒྱའི་དབར་གྱི་དཀའ་རྙོག་སེལ་ཐབས་འབད་བརྩོན་གནང་གི་ཡོད་ཙང་།  ང་ཚོས་བོད་རང་བཙན་རྩོད་པའམ།  རྒྱ་ནག་དང་ཁ་བྲལ་དགོས་འདོད་ཀྱི་རེ་བ་བཏོན་གྱི་མེད།  འོན་ཀྱང་རྒྱ་ནག་གཞུང་ནས་ཆེད་མངགས་སྔར་གྱི་ལོ་རྒྱུས་ལ་སྐྱར་བཅོས་དང་སྐྱར་སྒྲིག་གིས་གནས་དོན་སྐྱར་སློང་ཡང་སློང་བྱེད་ཀྱི་ཡོད་ཙང་། འདིར་དྲང་བདེན་གྱི་གནས་སྟངས་ངོ་མ་གསལ་བཤད་མི་བྱ་ཀ་མེད་བྱུང་། (more…)

༧གོང་ས་མཆོག་ནས་ཤེས་ཡོན་གཉིས་ལྡན་གྱི་བོད་མི་ཆ་ཚང་བ་ཞིག་ཆགས་དགོས་ཀྱི་ཡོད་པའི་བཀའ་སློབ།

Monday, December 27th, 2010

༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ ལིར་བོད་ཁྱིམ་གྱི་ཚོགས་ཁང་དུ་ལྡི་ལིའི་གཙུག་ལག་སློབ་གྲྭ་ཁག་གི་ནང་བསྐྱོད་བཞིན་པའི་བོད་རིགས་དགེ་སློབ་ ༦༠༠ བརྒལ་བར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཆེད་བོད་ཀྱི་སྐད་ཡིག་སློབ་གཉེར་ཡག་པོ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་དོན། བོད་ནང་རྒྱ་ནག་གིས་དབང་སྒྱུར་བྱས་ཏེ་འདས་པའི་ལོ་ངོ་ ༦༠ ལྷག་ཙམ་གྱི་འགྱུར་ལྡོག་ཆེན་མོ་དེས་ང་ཚོ་བོད་མི་རིགས་དང། བོད་ཀྱི་རིག་གཞུང་བཅས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཡོད་པས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་བོད་ནང་དར་འཕེལ་བྱུང་བའི་ནང་པ་སངས་རྒྱས་ཀྱི་བསྟན་པར་བོད་ཀྱི་མཁས་པ་རིམ་བྱུང་གིས་སློབ་གཉེར་ཐར་ཕྱིན་པ་མཛད་དེ་གཞུང་ཆེན་མོ་རྣམས་ལ་འགྲེལ་པ་དང་ཡང་འགྲེལ་སོགས་བརྩམས་ཡོད། སངས་རྒྱས་ཀྱི་བསྟན་པ་བོད་ནང་དར་འཕེལ་ཆེན་པོ་བྱུང་བ་དང་། དེང་སང་འཛམ་གླིང་ནང་ནང་པ་སངས་རྒྱས་པའི་ཆོས་ཤིག་བཤད་དགོས་ཚེ། བོད་གངས་ཅན་གྱི་ལྗོངས་ལ་དར་འཕེལ་བྱུང་བའི་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་སྤུས་དག་ཤོས་དང་རྒྱ་ཆེ་ཤོས་ཆགས་ཡོད་པ་བཞིན། དེ་ལྟ་བུའི་ནང་པ་སངས་རྒྱས་པའི་ཆོས་ལ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་དེ་བོད་ཡིག་ཡག་ཤོས་ཆགས་ཡོད་ཅེས་ངོས་ཀྱིས་སྤོབས་པ་བྱས་ནས་ཤོད་ཀྱི་ཡོད། (more…)

རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག

Thursday, December 23rd, 2010


རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག

རྩོམ་པ་པོ། ནོར་བུ་དོན་ལྡན།

༄།  རྒྱ་ནག་དམར་པོའི་སྲིད་གཞུང་གིས།  “ བོད་བརྒྱུད་ནང་བསྟན་ལའང་གྲུབ་མཐའ་མང་པོ་ཡོད་པ་དང་།  དགེ་ལུགས་པའི་གྲུབ་མཐའི་ངོས་ནས་བརྗོད་ན།  ཏཱ་ལ་ཡང་གནས་བབས་མཐོ་ཤོས་ཀྱི་ཚབ་བྱེད་མི་སྣ་མིན་ལ།  གཙོ་འཛིན་འབའ་ཞིག་མིན་པར་ཏཱ་ལ་དང་།  པཎ་ཆེན་གཉིས་ཀ་རྗེ་ཙོང་ཁ་པའི་སློབ་མ་ཡིན་པ་དང་།  དེ་གཉིས་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་ཡོད། ”  ཅེས་བཤད་པའི་ཐད།  ྋརྒྱལ་བ་ཡབ་སྲས་གཉིས་ངེས་པའི་དོན་དུ་རིགས་དང་རིགས་བདག་གི་ཚུལ་དུ་འབྲལ་བ་མེད་ཅིང་།  ཐུགས་སྣང་རོ་གཅིག་ཏུ་དཀར་བའི་སྒོ་ནས་བསྟན་འགྲོའི་དོན་མཛད་པ་ལས་སྐད་ཅིག་ཙམ་ཡང་གཡེལ་བ་མེད།  ཁྱེད་ཅག་གིས་གསལ་པོ་ཤེས་དགོས་པ་ཞིག་ལ།  འདིར་ཡབ་སྲས་ཞེས་ཞུ་དུས།  ཡབ་ྋརྒྱལ་བ་དང་།  སྲས་པཎ་ཆེན་རིན་པོ་ཆེར་གོ་དགོས། སྤྱིར་བཏང་འཇིག་རྟེན་ཕལ་པའི་ལུགས་ལའང་ཡབ་དང་སྲས་གཉིས་སུར་མཐོང་ཆེ་བརྩི་མིན་བསམ་གཞིགས་གྱིས་དང་།

པཎ་ཆེན་རིན་པོ་ཆེ་ནི་བོད་ཀྱི་བླ་ཆེན་ཆེ་གྲས་ཤིག་ཡིན།  ྋརྒྱལ་བ་པཎ་ཆེན་གཉིས་སྐུ་སྒེར་གྱི་ཐོག་ནས་ཐོུང་མ་ཡིན་པའི་འབྲེལ་བ་གཏིང་ཟབ་ཡོད།  འོན་ཀྱང་བོད་གཞུང་གི་ཆབ་སྲིད་ཐོག་པཎ་ཆེན་ལ་གོ་གནས་དང་སྐུ་དབང་གང་ཡང་མེད།  ྋརྒྱལ་བ་དང་པཎ་ཆེན་གཉིས་ཀྱི་འབྲེལ་བའི་དབུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱིས་ྋརྒྱལ་མཆོག་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་ཡོངས་འཛིན་དང་ྋརྒྱལ་མཆོག་ལྔ་པ་ཆེན་པོ་ངོས་འཛིན་གནང་བ་བཅས་ནས་ཚུགས་ཤིང་། (more…)