ICT logo

The International Campaign for Tibet (ICT) works to promote human rights and democratic freedoms for the people of Tibet. Founded in 1988, ICT is a tax-exempt, non-profit organization with offices in Washington, Amsterdam, Berlin and Brussels and field offices in Dharamsala and Kathmandu.
༧གོང་ས་མཆོག་གི་མཛད་འཆར་།

༢༠༡༣ ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱེས་རབས་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན། འདི་ལོ་སྨོན་ལམ་རྗེས་འབྲེལ་གྱི་དཔྱིད་ཆོས་གསུང་ཆོས་མེད་པ་བཅས་དེ་དོན་དགོངས་འཇགས་ཞུ།

ཕྱི་ཟླ་༤ ཚེས་༡༣།༡༤ སུད་སི་ཧྥི་རི་བྷག་ལ་ཉིན་གཅིག་དང་ཕྱེད་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་རྗེ་བཙུན་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

ཕྱི་ཟླ་༤ ཚེས་༡༣ སུད་སི་ཧྥི་རི་བྷག་ལ་ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་ཚུལ་ཁྲིམས་སྐོར་གྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

ཕྱི་ཟླ་༤ ཚེས་༢༦ ཉིན་རྒྱབ་ཧི་མ་ཅལ་མངའ་ཁོངས་ཌ་ལཱ་ཧོལ་སི་གཏན་སློབ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་མཛད་སྒོའི་དབུ་བཞུགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་ཆེ་རྒྱུ་དང། ཚེས་༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭའི་མདུན་ཐང་དུ་མང་ཚོགས་ལ་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ།། འབྲེལ་ཡུལ་དྲ་ཚིགས། www.cstdalhousie50yrs.com

ཕྱི་ཟླ་༥ ཚེས་༢༨ ནས་༣༡ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནང་ཆོས་དོན་གཉེར་ཅན་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་བཀྲིན་ཆེ་རྒྱུ།

ཕྱི་ཟླ་༦ ཚེས་༡༤ ནས་༡༦ བར་ཉིན་གཉིས་དང་ཕྱེད་རིང་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་དུ་དད་ལྡན་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་ཀྱི་ཆོས་འབྲེལ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༡༦ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་ནང་དད་ལྡན་མང་ཚོགས་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་གཏན་མི་ཚེའི་ནང་ཚུལ་ཁྲིམས་ཐོག་དྲན་ཤེས་ཇི་ལྟར་བསྟེན་དགོས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༡༨ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་མེལ་བྷོ་རོན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་རྗེ་དང་གཞི་རྩའི་བདེ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༡ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་ཨ་དྷི་ལ་དྷི་འདུ་འཛོམས་ལྟེ་གནས་སུ་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇིལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་པའི་བདེན་པ་བཞི་ཡི་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཉམ་སྤྱོད་འཛམ་གླིང་ནང་ཚུལ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ལོ་ཐོ་
January 2011
M T W T F S S
« Dec   Feb »
 12
3456789
10111213141516
17181920212223
24252627282930
31  

Archive for January 7th, 2011

ྋགོངས་མཆོག་གིས་རྒྱ་ནག་ནང་ནས་བཏོན་པའི་དྲི་བ་ཁག་ལ་དྲྭ་བརྙན་བརྒྱུད་བཀའ་ལན་སྩལ་བ། ༼རིམ་པ་དང་པོ།༽

Friday, January 7th, 2011
ྋགོངས་མཆོག་གིས་རྒྱ་ནག་ནང་ཁུལ་ནས་བཏོན་པའི་དྲི་བ་ཁག་ལ་དྲྭ་བརྙན་བརྒྱུད་ཐད་ཀར་བཀའ་ལན་སྩལ་བ། ༼རིམ་པ་དང་པོ།༽


ྋགོངས་མཆོག་གིས་དྲྭ་བརྙན་བརྒྱུད་ཐད་ཀར་བཀའ་ལན་སྩལ་བཞིན་པ།

ཝང་ལི་ཞོང་གིས་འཚམས་འདྲི་ཞུས་པ། ཏཱ་ལའི་བླ་མ་མཆོག་ལ་ཕྱི་ལོའི་ལོ་གསར་གྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ང་ཚོ་ཕན་ཚུན་རྒྱང་ཐག་རིང་པོའི་སར་ཡོད་ཀྱང། དྲྭ་རྒྱ་ཡོད་པའི་དབང་གིས་ཐག་ཉེ་པོ་ཆག་པའི་ཚོར་སྣང་བྱུང། དེ་རིང་འདིར་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཐུན་པེའོ་དང་། ཅཱང་ཐེན་ཡུང་གཉིས་མཉམ་བཞུགས་གནང་ཡོད། ཁོང་གཉིས་ནི་རྒྱ་མི་རིགས་ཀྱི་དམངས་གཙོ་དང་རང་དབང་ཆེད་དུས་ཡུན་རིང་པོར་ཁྲིམས་རྩོད་བྱེད་མཁན་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གནད་དོན་བྱུང་སྐབས་ཐེན་པེའོ་ལྟ་བུར་མཚོན་ན་ཨང་དང་པོར་བོད་རིགས་ལ་ཁྲིམས་རྩོད་ཀྱི་རོགས་པ་བྱེད་ཀྱི་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་ཀྱང་སྤེལ་ཡོད། དེ་བཞིན་ཁོང་གཉིས་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་བསམ་འཆར་དོན་ཚན་བཅུ་གཉིས་འདོན་མཁན་རྒྱ་རིགས་ཤེས་ཡོན་ཅན་གྱི་གྲས་ཡིན་པ་དང་། དེས་མ་ཚད་ཁོང་གཉིས་ནི་བོད་ཙམ་དུ་མ་ཟད་རྒྱ་ནག་ནང་མང་གཙོ་དང་། རང་དབང་། ལྷག་པར་དུ་མི་མང་གི་ཁྲིམས་ལུགས་བདག་དབང་ཐད་རོགས་པ་བྱེད་མཁན་གྱི་མི་སྣ་གཉིས་ཡིན་ཞེས་ཞུ་རྒྱུ་ཡིན་ལགས། 

རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཐུན་པིའོ་ཡིས་འཚམས་འདྲི་ཞུས་པ ད་ལམ་ཏཱ་ལའི་བླ་མ་མཆོག་དྲྭ་བརྙན་བརྒྱུད་ལམ་ཐོག་ནས་དངོས་སུ་མཇལ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། གོ་སྐབས་འདི་བཟུང་ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་ལྟ་བར་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་བསྒྲིལ་དང་། ལྷག་པར་དུ་མི་རིགས་གཉིས་ཀྱི་ཞི་བདེ་བཅས་ཀྱི་ཐད་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ལོ་གསར་པ་འདིའི་ནང་སྐུ་ཁམས་གསལ་ཐང་ཡོང་བ་དང། བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བ་གོང་ནས་གོང་དུ་འཕེལ་བའི་རེ་སྨོན་ཞུ་གི་ཡོད། 

རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཅཱང་ཐེན་ཡོང་གིས་འཚམས་འདྲི་ཞུས་པ། ཕྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ནི་ད་ལྟའི་རྒྱ་ནག་གི་གནས་བབ་འདི་འདྲའི་ཐབས་སྐྱོ་པོའི་སྐབས་འདིར་སྐུ་ཉིད་ནས་ད་དུང་ཞི་བདེའི་སྙིང་སྟོབས་དར་སྤེལ་གཏོང་གནང་གིས་རྒྱ་ནག་མི་མང་ལ་ཞི་བདེ་དང་། བདེ་སྐྱིད་ཀྱི་ལམ་སྣ་འདྲེན་གནང་བ་ནི་ཧ་ལས་དགོས་པ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ། མ་འོངས་པར་མུ་མཐུད་ཐུགས་ཁུར་ཆེ་བསྐྱེད་ཡོང་བའི་རེ་བའང་ཞུ་གི་ཡོད། ངས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་ཞབས་དང་རེ་བ་རྩེ་གཅིག་ཏུ་ཞུ་གི་ཡོད། 

ྋགོང་ས་མཆོག་གིས་འཚམས་འདྲི་གནང་བ། དེ་རིང་ང་ཚོའི་ལུས་པོ་ཕན་ཚུན་ཁད་གྱང་དུ་ཡོད་ཀྱང་གཅིག་གིས་གཅིག་གི་ངོ་གདོང་མཐོང་ཐུབ་པ་དང་། ཕན་ཚུན་སྐད་ཆ་ཤོད་རེས་བྱེད་ཐུབ་པ་འདི་ནི་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབས་པ་མཚོན་གྱི་ཡོད། ང་ཚོ་ཕན་ཚུན་སྐད་ཆ་ཤོད་སྐབས་ཕ་རོལ་པོའི་ལུས་ཀྱི་དྲི་མ་སྣོམ་ཐུབ་པ་བྱུང་ཚེ་ཆ་ཚང་ལྟ་བུ་ཆགས་རྒྱུ་རེད་འདུག དེ་རིང་རྒྱ་ནག་སྐམ་ས་ཆེན་པོའི་ནང་གི་རྒྱ་རིགས་གྲོགས་པོ་རྣམ་དཔྱོད་ཅན་ལེགས་ཉེས་ཀྱི་ཆ་མཐོང་ཞིང་། ཕུག་རྒྱང་རིང་པོའི་གནས་ཚུལ་ཡང་མཐོང་ཐུབ་མཁན་ཁྱེད་ཚོ་དང་མཉམ་དུ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང། རིམ་པས་གནས་ཚུལ་ལ་འགྱུར་བ་གཏན་གཏན་འགྲོ་གི་རེད། ང་རང་ཚོ་ཕན་ཚུན་ལག་པ་གཏོང་རེས་དང། ཕན་ཚུན་གྱི་གདོང་པ་མཐོང་ཞིང་། སྐད་ཆ་གོ་ཐུབ་པ། དེ་ཙམ་མ་ཟད་ཕན་ཚུན་ལུས་ཀྱི་དྲི་མའང་སྣོམ་ཐུབ་པའི་དུས་ཚོད་གཅིག་གཏན་གཏན་འཆར་རྒྱུ་ཡིན།  ངོས་ནས་ད་ལྟ་རང་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་རིགས་ནང་པ་ཚོ་ཁག་གཅིག་ཐུག་སྟེ། ཁོང་ཚོར་འཚམས་འདྲི་དང་ནང་ཆོས་སྐོར་འགྲེལ་བཤད་བརྒྱབ་པ་ཡིན་ཁོང་ཚོ་ཧ་ཅང་དགའ་པོ་བྱུང་སོང།     (more…)