ICT logo

The International Campaign for Tibet (ICT) works to promote human rights and democratic freedoms for the people of Tibet. Founded in 1988, ICT is a tax-exempt, non-profit organization with offices in Washington, Amsterdam, Berlin and Brussels and field offices in Dharamsala and Kathmandu.
༧གོང་ས་མཆོག་གི་མཛད་འཆར་།

༢༠༡༣ ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱེས་རབས་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན། འདི་ལོ་སྨོན་ལམ་རྗེས་འབྲེལ་གྱི་དཔྱིད་ཆོས་གསུང་ཆོས་མེད་པ་བཅས་དེ་དོན་དགོངས་འཇགས་ཞུ།

ཕྱི་ཟླ་༤ ཚེས་༡༣།༡༤ སུད་སི་ཧྥི་རི་བྷག་ལ་ཉིན་གཅིག་དང་ཕྱེད་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་རྗེ་བཙུན་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

ཕྱི་ཟླ་༤ ཚེས་༡༣ སུད་སི་ཧྥི་རི་བྷག་ལ་ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་ཚུལ་ཁྲིམས་སྐོར་གྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

ཕྱི་ཟླ་༤ ཚེས་༢༦ ཉིན་རྒྱབ་ཧི་མ་ཅལ་མངའ་ཁོངས་ཌ་ལཱ་ཧོལ་སི་གཏན་སློབ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་མཛད་སྒོའི་དབུ་བཞུགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་ཆེ་རྒྱུ་དང། ཚེས་༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭའི་མདུན་ཐང་དུ་མང་ཚོགས་ལ་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ།། འབྲེལ་ཡུལ་དྲ་ཚིགས། www.cstdalhousie50yrs.com

ཕྱི་ཟླ་༥ ཚེས་༢༨ ནས་༣༡ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནང་ཆོས་དོན་གཉེར་ཅན་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་བཀྲིན་ཆེ་རྒྱུ།

ཕྱི་ཟླ་༦ ཚེས་༡༤ ནས་༡༦ བར་ཉིན་གཉིས་དང་ཕྱེད་རིང་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་དུ་དད་ལྡན་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་ཀྱི་ཆོས་འབྲེལ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༡༦ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་ནང་དད་ལྡན་མང་ཚོགས་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་གཏན་མི་ཚེའི་ནང་ཚུལ་ཁྲིམས་ཐོག་དྲན་ཤེས་ཇི་ལྟར་བསྟེན་དགོས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༡༨ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་མེལ་བྷོ་རོན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་རྗེ་དང་གཞི་རྩའི་བདེ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༡ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་ཨ་དྷི་ལ་དྷི་འདུ་འཛོམས་ལྟེ་གནས་སུ་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇིལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་པའི་བདེན་པ་བཞི་ཡི་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཉམ་སྤྱོད་འཛམ་གླིང་ནང་ཚུལ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

ལོ་ཐོ་
May 2013
M T W T F S S
« Apr    
 12345
6789101112
13141516171819
20212223242526
2728293031  

རྒྱ་ནག་གིས་བོད་དན་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མཚམས་འཇོག་དགོས་པའི་ཨ་རིའི་གྲོས་ཚོགས་ཀྱི་གྲོས་ཆོད།

༄༅༎ཨ་མེ་རི་ཀའི་གྲོས་ཚོགས་གོང་མས་རྒྱ་ནག་གཞུང་ལ་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་མཚམས་འཇོག་དགོས་པ་དང་། བོད་མིའི་ཁྲིམས་མཐུན་འདོད་དོན་ལ་དགོངས་བཞེས་གནང་དགོས་པ། ༧གོང་ས་མཆོག་གི་སྐུ་ཚབ་ལྷན་གྲོས་མོལ་མུ་མཐུད་དགོས་པ། བོད་ནང་ཕྱི་རྒྱལ་གཞུང་ཚབ་ལས་བྱེད་དང་གསར་འགོད་པར་དམ་བསྒྲགས་མེད་པའི་ཐོག་ནས་བསྐྱོད་ཆོག་དགོས་སྐོར་གྱི་གྲོས་ཆོད་ཞིག་ཟླ་༣ཚེས་༢༩ཉིན་སྤྱི་མོས་ཐོག་བཞག་གནང་ཡོད་པ་རེད།
གྲོས་ཆོད་༼S.Res ༣༥༦༽དེའི་གྲོས་འཆར་་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ནང་འཐུས་མི་ལྕམ་ཌཡེན་ཕའེན་སི་ཀྲའེན་(Senator Dianne Feinstein) གྱིས་བཏོན་གནང་བ་དང་ངོ་སྤྲོད་གནང་མཁན་ནང་དམངས་གཙོ་ཚོཌ་པ་དང་སྤྱི་མཐུན་ཚོཌ་པ་གཉིས་ཀའི་འཐུས་མི་ཡོད།

ཨ་རིའི་གྲོས་ཚོགས་ཀྱི་ལས་རྟགས།

ཨ་རིའི་གྲོས་ཚོགས་ཀྱི་ལས་རྟགས།

གྲོས་ཆོད་དེས་བོད་ནང་ཚེ་སྲོག་ཤོར་བའི་བོད་མི་ཚོར་མྱ་ངན་དང་། རྒྱ་ནག་གཞུང་གིས་བོད་ནང་དྲག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་སྐྱོན་འཛུགས།
༧གོང་ས་མཆོག་གི་སྐུ་ཚབ་ལྷན་རྒྱ་ནག་གཞུང་ནས་གྲོས་མོལ་མུ་མཐུད་དགོས་པའི་འབོད་སྐུལ་གནང་ཡོད།

དེ་བཞིན་བཙོན་འཇུག་བྱས་པའི་བོད་མི་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་ཀིརྟི་དགོན་པ་ནས་བཙན་འཁྲིད་བྱས་པའི་དགེ་འདུན་པ་ཚོ་གར་ཡོད་གསལ་བཏོན་བྱ་རྒྱུ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་དང་ཕྱི་འབྲེལ་ལས་བྱེད་ཁག་བོད་ཁུལ་དམ་བསྒྲགས་མེད་པའི་ཐོག་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་རྒྱུའི་འབོད་སྐུལ་གནང་འདུག་ ཡང་ཨ་རི་ཕྱི་སྲིད་ལས་ཁུངས་ནས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ཁང་ཞིག་བཙུགས་དགོས་པ་དང་དེ་ལྟར་རྒྱ་ནག་གཞུང་ནས་བཙུགས་མ་བཅུགས་ཀྱི་བར་དུ་ཨ་རིའི་ནང་རྒྱ་ནག་གཞུང་ཚབ་ཀྱི་ཡན་ལག་ལས་ཁང་གསར་པ་གཅིག་ཀྱང་འཛུགས་རྒྱུའི་ཆོག་མཆན་མི་གནང་བའི་འབོད་སྐུལ་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གྲོས་ཚོགས་སུ་འབྲེལ་བ་གནང་མཁན་གྱི་འགན་འཛིན་ཊོཌ་སྚཡེན་(Todd Stein) ནས་གྲོས་ཆོད་དེ་ནི་ཨ་རིའི་གྲོས་ཚོཌ་ངོས་ནས་རྒྱ་ནག་གིས་བོད་མིའི་ཁྲིམས་མཐུན་འདོད་དོན་ཐོག་དོན་སྙིང་ལྡན་པའི་བྱ་བ་སྤེལ་དགོས་པའི་ཐུགས་རེ་གསལ་པོ་བཟོ་ཡོད་པ་རེད་གསུངས།
གྲོས་ཆོད་དེ་སྐོར་དབྱིན་ཡིག་ནང་འདིར་གཟིགས
ཡང་ཚེས་༢༩ཉིན་ཨ་མེ་རི་ཀའི་གྲོས་ཚོཌ་འོག་མའི་ནང་གོང་གསལ་དང་འདྲ་བའི་བོད་ཐོག་གྲོས་ཆོད་གྲོས་འཆར་༼H.Res.༦༠༩༽ཞིག་འཐུས་མི་འཇེམ་སི་སེན་སེན་སྦེརེ་ཎར་(James Sensenbrenner)དང་འཇོར་ཇེ་མི་ལར་(George Miller)གཉིས་ནས་བཏོན་གནང་ཡོད།

Leave a Reply