January 25th, 2012
༄༅། ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མ་རི་ཡཱ་ཨོ་ཏེ་རོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་ཚོར་མུ་མཐུད་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ཐོག་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། རྒྱ་ནག་ཏུ་བོད་རིགས་གནས་སྡོད་ས་ཁུལ་ཁག་གི་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་ལྷག་པར་ཟི་ཁྲོན་ཞིང་ཆེན་གྱི་ས་ཁུལ་དུ་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་བོད་མི་རྔམ་སྟོན་བྱེད་མཁན་ཁག་གཅིག་ལ་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ་མ་ཟད། བོད་མི་འགར་རྨས་སྐྱོན་བཏང་བ་སོགས་ཀྱི་གནས་ཚུལ་ཐོན་པར་ངོས་ཧ་ཅང་སེམས་ཚབས་ཆེན་པོ་འདུག གནས་ཚུལ་འདི་ནི་ཟླ་བ་འདིའི་ཟླ་འགོར་བོད་མི་བཞིས་རང་ལུས་མེར་སྲེག་བཏང་བའི་རྗེས་སུ་བྱུང་བ་ཞིག་ཡིན། ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བོད་ནང་དུ་བོད་མི་དགེ་འདུན་པ་གཙོ་བོར་གྱུར་བའི་གྲྭ་ཟུར་དང་། དེ་བཞིན་བཙུན་མ་གཉིས་བཅས་ད་བར་ཁྱོན་བོད་མི་གྲངས་ ༡༦ གྱིས་རང་ལུས་མེར་སྲེག་བཏང་ཡོད། བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་ཐད་ཀར་གླེང་སློང་བསྟུད་མར་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་ཕན་པ་ལས་གནོད་པ་ཆེ་བའི་སྲིད་བྱུས་དེར་བཅོས་བསྒྱུར་གཏོང་དགོས་པ་ཨ་རིའི་གཞུང་གིས་ཛ་དྲག་ཐོག་རྒྱ་ནག་གཞུང་ལ་རེ་འདུན་ཡང་ཡང་བཏོན་ཡོད། སྲིད་བྱུས་དེས་བོད་མི་ཚོར་དཀའ་ངལ་བཟོ་རྒྱུ་མ་ཟད། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག་བཅས་ལ་ཉེན་ཁ་བཟོ་བཞིན་ཡོད། Read the rest of this entry »
Posted in གསར་འགྱུར་།, བོད་, ཨ་མེ་རི་ཀ། | No Comments »
January 13th, 2012
རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡོངས་ནས་ཁ་སང་༧གོང་ས་མཆོག་ལ་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་དུ་བསྐྱར་ནན་གྱིས་མངའ་གསོལ་ཞུས་པའི་གཟེངས་རྟགས་ཤིག་ཕུལ་ཡོད་ལ། གཟེངས་རྟགས་དེ་ནི་ས་གཞི་ནོར་གཞོངས་སྟེང་མཚོ་དང་གངས་རིས་བརྒྱན་པ། དེའི་སྟེང་ཚེ་བུམ་དང་། རྩེ་མོར་པད་མ་ནོར་བུའི་སྙིང་ཅན་ཞིག་བཟོས་འདུག་ཅིང་། གཟེངས་རྟགས་སྟེང་གི་ཡི་གེ་གཤམ་ཏུ་བཀོད་ཡོད།

༄༅། ། ལྷར་བཅས་སྲིད་ཞིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན། རིས་མེད་སྐྱེ་འགྲོ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་མཐའ་དག་གི་མགོན་སྐྱབས་བླ་ན་མེད་པ། ༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གིས་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་རླབས་པོ་ཆེས་ ༧རྒྱལ་དབང་སྐུ་ཕྲེང་གོང་མ་ཐབས་ཅད་ལས་ལྷག་པའི་རླབས་ཆེན་མཛད་བཟང་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཁྱོན་ཡོངས་སུ་ཉིན་མོ་ལྟར་གསལ་བར་མཛད་དེ། ཉམ་ཐག་པའི་སྙིགས་འགྲོ་རྣམས་དུས་འཚམས་གདམས་ངག་གསུང་གི་བདུས་རྩིས་དབུག་དབྱུང་ཞིང་། ཁ་བ་རི་པ་རྣམས་ཀྱིས་མཚོན་མཁའ་ཁྱབ་སྐྱེ་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་དགུང་ ལོ ༡༡༣ ལྷག་འཚོ་གཞེས་ཀྱི་ཞལ་བཞེས་བཀའ་བཟང་དང་། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས ༣༢ བར་སྨིན་བསྩལ་སོགས་བཀའ་དྲིན་གཞལ་མེད་བསྐྱངས་པའི་རྗེས་དྲན་དང་། མགོན་པོ་གང་ཉིད་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་བསྐྱར་ནན་གྱིས་མངའ་གསོལ་ཞུ་བའི་མཚོན་རྟགས་སུ་རིན་ཆེན་དང་གཉིས་ལས་གྲུབ་པའི་བཀྲ་ཤིས་པའི་གཟེངས་བསྟོད་ཀྱི་དངོས་འབུལ་འདི། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ནས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ ༢༠༡༢ ཟླ ༡ ཚེས ༡༠ ཉིན་དད་མོས་གུས་རྩེ་གཅིག་གིས་ཕྱག་བཅས་ཕུལ།།
གནས་ཚུལ་འབྱུང་ཁུངས། http://www.khabdha.org
Posted in ༧གོང་ས་མཆོག, གསར་འགྱུར་། | No Comments »
January 12th, 2012

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༨ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་སྐུ་ཝིག་ཊོ་རི་ཡ་ནུ་ ལཎྜ་(Victoria Nuland)མཆོག་གིས་འདི་ལོ་བོད་ནང་རྒྱ་གཞུང་ལ་བོད་མིས་འུ་ཐུག་བཟོད་བྲལ་གྱིས་རང་ལུས་མེར་སྲེག་ངོ་རྒོལ་བསྟུད་མར་ཐོན་བཞིན་པ་དང་ཉེ་ཆར་བོད་མི་དཔའ་བོ་སེར་སྐྱ་ཚུལ་ཁྲིམས་ལགས་དང་བསྟན་ཉི་ལགས། བསོད་ནམས་དབང་རྒྱལ་ལགས་བཅས་ཀྱི་རང་ལུས་མེར་སྲེག་བཏང་གནང་བའི་དོན་རྐྱེན་དང་འབྲེལ་ཨ་རི་གཞུང་ངོས་ནས་བོད་ནང་བོད་མིར་བློ་འཚབ་ཡོད་པའི་སྐོར་ལ་གསུང་དོན། ད་བར་བོད་མི་རང་ལུས་མེར་སྲེག་གཏོང་མཁན་བསྟུད་མར་ཡོང་བཞིན་པ་དང་། ལྷག་པར་ཉིན་ཤས་ནང་དུ་སླར་ཡང་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་བའི་ཐོག་ནས་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་པ་མཚོན་བཞིན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་ཀྱིས་བོད་མིའི་བཟོད་མི་ཐུབ་པའི་ཁོང་ཁྲོའི་རྣམ་པ་ཞིག་གསལ་སྟོན་བྱེད་ཀྱི་ཡོད་ པ་དང། ཨ་རིའི་གཞུང་ངོས་ནས་གནད་དོན་དེ་དག་དང་འབྲེལ་རྒྱ་ནག་གཞུང་དང་ལྷན་དུ་སྔ་རྗེས་གླེང་སློང་གནང་བཞིན་ཡོད་པའི་སྐོར་སོགས་འགྲེལ་བརྗོད་དང་། ལྷག་པར་དུ་ཨ་རི་གཞུང་ངོས་ནས་ཛ་དྲག་འབོད་སྐུལ་དང་སྦྲགས་རྒྱ་ནག་གི་བོད་ནང་དམ་བསྒྲགས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་མེད་པར་བཟོས་ཏེ་བོད་རྒྱ་ཕྱོགས་གཉིས་དབར་དོན་ཕན་ལྡན་པའི་གྲོལ་མོལ་གནང་དགོས། ཅེས་དང་བོད་ནང་གི་གནས་སྟངས་ཁ་གསལ་ཤེས་རྟོགས་ཡོང་སླད་རང་དབང་ལྡན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་གསར་འགྱུར་བརྒྱུད་ལམ་ཁག་ངེས་པར་གཏོང་གནང་དགོས་སྐོར་དང་། རྒྱ་ནག་གཞུང་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་དང་ལེན་གནང་ཕྱོགས་ཐད་བཟང་ཕྱོགས་ཀྱི་སྲིད་བྱུས་ཞིག་འཛིན་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག་པ་བཅས།།
གནས་ཚུལ་འབྱུང་ཁུངས།http://www.tibet.net/tibetan
Posted in གསར་འགྱུར་།, བོད་, ཨ་མེ་རི་ཀ། | No Comments »